བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བར་བྲག་ཡིབ་ཆུས་སྨན་རི་ཤང་གིས་རྟེན་འབྲེལ་ཞུས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ ཚེས ༢༧ ཉིན།  བདེ་སྐྱིད་འཚོ་བ་གུང་ཁྲན་ཏང་གི་དྲིན། ཉི་འོད་ལམ་བུའི་ཐོག་ཏུ་ཕུགས་འདུན་སྒྲུབ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་ལོ་ངོ་ ༦༠ འཁོར་བ་དང་སྤྱི་ཟླ ༣ ཚེས ༢༨ ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་དུ་སྤེལ་བ་རེད།  བྱེད་སྒོ་སྤེལ་ཡུལ་དུ་སྨན་རི་ཤང་གི་ལས་བྱེད་ལས་བཟོ་པས་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་ལེན་ཏེ།  བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་བ་དང་རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུས་ཡོད།

སྨན་རི་ཤང་ཏང་ཨུའི་ཨུ་ཡོན། དྲིལ་བསྒྲགས་ཨུ་ཡོན་ཚེ་རིང་ཆོས་མཚོས་ངོ་སྤྲོད་བྱས་པར་གཞིགས་ན།  ང་ཚོས་ད་རེས་ཀྱི་བྱེད་སྒོ་སྤེལ་དོན་ནི་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་བའི་ལོ་རྒྱུས་ལ་སྨན་རི་ཤང་གི་ལས་བྱེད་མང་ཚོགས་ཚོས་ཕྱིར་དྲན་བྱེད་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རོགས་རམ་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ཤེས་སུ་འཇུག་པ་མ་ཟད།  ཤང་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས་ཚོའི་རྒྱལ་གཅེས་བསམ་པ་རབ་ཏུ་འཕེལ་བ་བྱས་ནས།  ཐུན་མོང་ཐོག་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྨན་རི་སྐྲུན་རྒྱུར་དྲང་ནུས་གང་ལེགས་འདོན་སྤེལ་ཐུབ་པ་ཀྱང་བྱེད་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]